THL Toolbox > Tibetan Scripts, Fonts & Related Issues > Instant Messaging in Tibetan Unicode > Instant Messaging in Tibetan Unicode - Cross-Platform - Tibetan Version
གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་ཐོག་གི་་འཕྲལ་འཁྲལ་གླེང་མོལ་བྱེད་ཚུལ།
འཕྲལ་འཕྲལ་གླེང་མོལ་བྱེད་ཐབས་ Instant Messaging (IM)ཟེར་བ་འདིས་གྲོགས་པོ་དང་ལས་རོགས་ནང་ཕན་ཚུན་དུ་སྐབས་ཐོག་གཅིག་ལ་གླེང་མོལ་བྱེད་ཐབས་ཡག་པོ་ཞིག་སྤྲོད་ལ།ཧ་ལམ་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་ཏུའང་མང་ཆེ་བ་ཞིག་གླེང་མོལ་བྱེད་ཐུབ།འཕྲལ་འཕྲལ་གླེང་མོལ་བྱེད་ཐབས་གྱི་མཉེན་ཆས་དང་ལས་རིམ་ཡོད་པ་ཕལ་ཆེ་བས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་གི་བརྡ་ལན་ཕན་ཚུན་བསྐྱལ་ཐུབ་མོད།བོད་ཡིག་བརྡ་ལན་གྱི་ཇུས་འགོད་དེ་རྙོག་འཛིང་ཅན་གཅིག་ཡིན་བརྟེན།ཁྱེད་རང་གིས་སྤྱོད་པའི་མཉེན་ཆས་ནང་གསལ་ཁ་འདོན་དགོས་པ་རེད།ད་དུང་ཁྱེད་ཀྱིས་རང་གི་འདོད་མོས་ཡོད་པའི་བོད་ཡིག་གི་མཉེན་ཆས་དེས་བོད་ཡིག་གཏག་ཆས་དེ་ཡག་པོ་ཡོང་ཐུབ་པ་ཞིག་འཚོལ་དགོས་པ་རེད།
NOTE: ཁྱེད་ཀྱིས་བརྗེད་མི་རུང་བའི་དོན་ཚན་གནད་ཅན་གཅིག་ནི་འཕྲལ་འཕྲལ་གླེང་མོལ་བྱེད་ཐབས་ཀྱི་ལས་རིམ་དེ་ཚོར་དེབ་སྐྱེལ་བྱས་པའི་སྤྱོད་མཁན་གྱི་མིང་དང་གསང་ཡིག་དགོས་པ་དེ་དག་བེད་སྤྱོད་བྱེད་ཐེངས་རེ་རེར་ཁྱེད་ཀྱིས་བཀོལ་དགོས།དཔེར་ན།གལ་སྲིད་ཁྱེད་རང་གི་གྲོགས་པོ་གཉིས་ཀྱིས་འཕྲལ་འཕྲལ་གླེང་མོལ་བྱེད་ཐབས་ཀྱི་ལས་རིམ་མི་འདྲ་བ་གཉིས་བེད་སྤྱོད་བྱེད་ཀྱི་ཡོད་ན། (གཅིག་ AIM དང་གཞན་དེ་ MSNཐོག་ཡོད་པའི་དབང་དུ་བཏང་ན།), ཁྱེད་རང་གིས་ AIM དང་ MSN གཉིས་ཆར་དེབ་སྐྱེལ་བྱེད་དགོས།དེ་བས་ཁྱེད་རང་གིས་ཡིག་རོགས་རེ་རེ་བཞིན་གསང་ཡིག་དང་སྤྱོད་མཁན་གྱི་མིང་ལོགས་ཀ་རེ་ཉར་དགོས་པ་ཡོང་སྲིད།སྟབས་ལེགས་པ་ཞིག་ལ་མཉེན་ཆས་གཅིག་རང་སྤྱད་ནས་ཡིག་རོགས་ཁ་ཤས་ནང་ཕན་ཚུན་དུ་དུས་གཅིག་ལ་བརྡ་ལན་བསྐྱལ་ཐུབ་པ་ཞིག་ཁྱེད་ལ་རག་ཐུབ་པ་རེད།དེ་ལྟ་བུའི་འཕྲལ་འཕྲལ་གླེང་མོལ་བྱེད་ཐབས་ཀྱི་ལས་རིགས་སྣ་ཚོགས་ (དཔེར་ན་ Pidgin, Miranda, iChat) དེ་ཚོར་ AIM, Yahoo, QQ, or MSN ཡོད་པའི་དམིགས་བསལ་ཁྱད་ཆོས་དེ་དག་མེད་ལ།ལས་རིགས་འདི་ཚོའི་ནུས་པ་དང་ཁྱབ་བསྒྲགས་ཀྱི་སུན་སྣང་དེ་ཚོ་མེད་པ་དེས་གཞི་རིམ་གྱི་བརྡ་ལན་བསྐྱལ་བ་ལ་དགའ་སྣང་མང་བ་བསྐྱེད།
ང་ཚོས་ལས་རིམ་མི་འདྲ་བ་ཁག་གསུམ་ལ་བརྟག་དཔྱད་བྱེད་ལ།དེ་རེ་རེ་ནས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་གིས་གླེང་སྟེགས་བྱེ་བྲག་པ་གཅིག་གི་ཐོག་འབྲེལ་བ་བྱེད་པའི་ནུས་པ་ཡོད་པར་སྟོན།མི་རན་ཌདང་།ཨ་ཡེ་ཆེ་ཊ།པི་ཌ་གིན་བཅས་ཀྱིས་གོ་རིམ་བཞིན་ཝིན་ཌོ་སེ་དང་མེཀ་ལིནུཟབཅས་ལ་བསྡུར་ནས་བརྟག་དཔྱད་བྱེད།གླེང་མོལ་བ་གཉིས་ཀྱིས་འཕྲལ་འཕྲལ་གླེང་མོལ་བྱེད་ཐབས་ཀྱི་ལས་རིམ་གཅིག་པ་བེད་སྤྱོད་བྱེད་རྒྱུའི་མོས་མཐུན་བྱས་པ་ཡིན་ན།ཁྱེད་རང་གིས་དཀའ་རྙོག་གཅིག་ཀྱང་མེད་པར་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་བརྒྱུད་དེ་ཝིན་ཌོ་སེ་ཡོད་ཚད་དང་མེཀ་ལིན་ནུ་ཟེ་བཅས་ཀྱི་ཐོག་གླེང་མོལ་བྱེད་ཐུབ་ལ།དཔེར་ན་ཝིན་ཌོ་སེ་བེད་སྤྱོད་བྱེད་མཁན་གྱིས་མེ་ཀ་བེད་སྤྱོད་བྱེད་མཁན་ལ་བོད་ཡིག་གི་ལན་བསྐྱལ་ཐུབ་པ་རེད།
Windows
མི་རན་ཌ་ནི་ཝིན་ཌོསེ་ཆེད་དུ་བཟོས་པའི་རིན་མེད་དང་སྒྲོམ་གཞི་བདག་མེད་ཀྱི་ལས་སྒོ་ཞིག་རེད་ལ།དེས་ AIM, MSN, Yahoo, Jabber དང་ལས་གཞན་ཚོའི་མཉམ་དུ་མཉམ་ལས་བྱེད་ཐུབ།རྒྱ་ཡིག་གི་ལས་རིམ་ཡོད་ཚད་ཀྱི་ནང་དུ་མི་ཪན་ཌ་ཡི་ནང་ཕབ་བཤུ་བྱས་ནས་སྣོན་མ་བརྒྱབ་ཀྱང་རུང་།གཤམ་གསལ་གྱི་གླེང་མོལ་འདི་ནི་ཁྱེད་རང་གིས་ཝེ་ས་ཊ་བེད་སྤྱོད་བྱེད་ཀྱི་ཡོད་དབང་གིས་ཞུ་གི་ཡོད།འགྲེལ་བཤད་འདི་བྱེད་པའི་དུས་སྐབས་འདིར་ཝིན་ཌོ་སེ་ནང་གི་འཕྲལ་འཕྲལ་གླེང་མོལ་བྱེད་ཐབས་ཀྱི་ལས་རིམ་མི་རན་ཌ་ལས་གཞན་རྣམས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་ལ་དེ་ཙམ་འཕྲོད་པ་མི་འདུག
འདེམས་ཀའི་ཐོ་བྱང་གི་ཁྲོད་དུ་ཁྱེད་ཀྱིས་ལས་རིམ་སྤྱོད་མཁན་གྱི་མིང་དང་གསང་ཡིག་འདྲ་མིན་འབྲི་ཆེད་གང་དུ་འཛུལ་རྒྱུའི་དྲ་བའི་སྡེ་ཚན་ Network category རྙེད་ཐུབ།གལ་སྲིད་ཁྱེད་ཀྱིས་ལས་རིམ་ཡིག་རོགས་གང་ཞིག་ལའང་ཐོ་བརྒྱབ་མེད་པ་ཡིན་ན། AIM or MSN, Miranda ལྟ་བུས་ཁྱེད་རང་ལ་གང་ནས་མིང་ཐོ་རྒྱག་ཐུབ་པའི་དྲ་ཤོག་ཁག་ལ་སྣེ་ཁྲིད་བྱེད།
༼དཔར་རིས་༡༽ Configuring your options in Miranda
ཁྱེད་རང་གིས་གླེང་མོལ་འབྲི་ས་ཙམ་མ་ཟད།ཚུར་འབྱོར་བ་དང་ཕར་བསྐྱལ་བའི་གླེང་མོལ་དག་གི་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་ཡིག་གཟུགས་དང་ཆེ་ཆུང་གསལ་ཁ་འདོན་དགོས།ཁྱེད་རང་གིས་འདེམས་ཁ་འདི་དག་ལས་རིམ་ Events ཟེར་བའི་ནང་གི་གླེང་མོལ་ཐོ་དེབ་ Messaging Log ནང་རྙེད་ཀྱི་རེད།བརྡ་ལན་གྱི་གླེང་མོལ་རིགས་གང་ཞིག་༼དཔེར་ན་ཕར་འགྲོའི་གླེང་མོལ་དང་།ཚུར་འོང་གླེང་མོལ།དེ་བཞིན་གླེང་མོལ་ས་ཁུལ།༽ལ་ཐེངས་གཅིག་བསྣུན་ནས་འདམ་དགོས་པ་དང་ཡིག་གཟུགས་ཀྱི་འདེམས་ཀ་ལ་བསྣུན་ནས་ཧི་མ་ལ་ཡའི་བོད་ཡིག་ཆེ་ཆུང་༡༨བཟོ་བ་སོགས་ཡིག་གཟུགས་ཆེ་ཆུང་བཟོ་ཐུབ།འདི་ལྟར་བྱས་པ་དེས་ཁྱེད་རང་གཅིག་པུའི་ཡིག་གཟུགས་ཇི་ལྟར་མཐོང་བ་ཁོ་ན་ལ་ཁྱད་པར་བཟོ་བ་དེ་མཁྱེན་དགོས།༼ཁྱེད་རང་གི་གླེང་མོལ་གྲོགས་པོས་ཁོ་རང་གི་མཉེན་ཆས་ནང་བོད་ཡིག་གང་ཞིག་འཇུག་རྒྱུར་བཀོད་སྒྲིག་བྱེད་དགོས།
༼དཔར་རིས་༢༽ Specifying a Tibetan Unicode font for messages
ཁྱེད་རང་གིས་མི་རན་ཌ་བེད་སྤྱོད་ཀྱིས་ IRC གླེང་མོལ་བྱེད་རྩིས་ཡོད་ན།ཁྱེད་རང་གིས་གླེང་མོལ་ནང་གསེས་དཀར་ཆག་འོག་གོང་གསལ་བཞིན་ཡིག་གཟུགས་ཆེ་ཆུང་བཟོ་ཐུབ།མི་ཪན་ཌ་ཡི་སྐོར་ལ་དྲི་བ་དང་རོགས་པ་དགོས་པ་ཐུག་ཚེ་དྲ་ཤོག་ཐོག་གནས་ཚུལ་འདང་ངེས་པ་ཡོད་རེད།
མེཀ་སོཕ༹་ཊ་ཡོད་ཡོད་ཀྱི་དང་ཀེ་མན་མཐེབ་གཞོང་གཉིས་ཀས་མི་རན་ཌ་ནང་ལས་ཀ་བྱེད་ཐུབ།མཐེབ་གཞོང་གཞན་པ་ཚོས་ཀྱང་ལས་ཀ་བྱེད་སྲིད།འདི་ལ་བེད་སྤྱོད་བྱས་པའི་མི་རན་ཌ་ངོ་བཤུས་དེའི་ནང་བོད་ཡིག་གི་ཚེག་མཚམས་གཅོད་སྐབས་དཀའ་ངལ་ཏོག་ཙམ་འདུགཡིན་ན་ཡང་།དཀའ་ངལ་དེ་མི་རིང་བར་མི་རན་ཌ་དུས་ཚོད་ལ་སྙོབ་པ་བྱས་ན་སེལ་སྲིད་ཀྱི་རེད།
ཁིའུ་ཁིའུ་ལས་རིམ་དེ་མི་རན་ཌ་ནང་སྣོན་མ་བྱེད་འདོད་ཡོད་མཁན་ཚོས།ཁྱེད་ལ་དགོས་པའི་བེད་སྤྱོད་བྱེད་ཕྱོགས་དེ་ QQ add-on ནང་ཡོད་རེད།
༼དཔར་རིས་༣༽ Message conversation in Tibetan
Mac OS X
མེཀ་ཨོ་ཨསེ་ཨེཀ་སེགླེང་མོལ་ལས་རིམ་ཨ་ཡེ་ཆེ་ཊ་ཡོད་ཡོད་ཡིན་ཅིང་།དེ་ནི་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་ཏུ་གླེང་མོལ་བྱེད་རྒྱུ་ལ་འདང་ངེས་པ་ཞིག་ཡོད་རེད།ངོ་མ་བཤད་ན།གསལ་བཤད་འདིའི་རིང་ལ་འདི་ནི་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་མ་ནོར་བར་བེད་སྤྱོད་བྱེད་ཐུབ་པའི་ལས་རིམ་གཅིག་པུ་དེ་རེད།ཨ་ཡེ་ཆེ་ཊ་ཡི་ནང་ཚུལ་བཞིན་བེད་སྤྱོད་བྱེད་ཐུབ་པའི་བོད་ཡིག་དེ་ཚོ་ནི་ཁེ་ཚོང་བྱེད་པའི་ཡིག་གཟུགས་ཁོ་ན་སྟེ། AAT ནང་ཡོད་པའི་ XenoType Technologies ནང་ཡོད། (Mac OS 10.4 ཡིས་ OpenType font standard, which explains why most of the free opentype Tibetan Unicode font now available don’t look quite right in Mac OS X).
ཨ་ཡེ་ཆེ་ཊ་ཡི་ནང་བོད་ཡིག་ཚུལ་བཞིན་མངོན་ཆེད་ཨ་ཡེ་ཆེ་ཊ་ནས་ Preferences དེ་ནས་ Messages ་ནས་འདམ་དགོས་ཤིང་།འདིར་ཚུར་འོང་དང་ཕར་འགྲོའི་གླེང་མོལ་གྱི་ཇུས་འགོད་བྱེད་པའི་འདམ་ཁ་ཡོད་རེད།. འདིར་ང་ཚོས་ XenoType བོད་ཡིག་ཆེ་ཆུང་༢༢འདམ་ཡོད། “Reformat incoming messages” ཟེར་བ་དེའི་རྗེས་ཀྱི་གྲུ་བཞི་དེ་ལ་འགྲིག་རྟགས་བརྒྱབ་ཡོད་པ་ཏན་ཏན་བཟོ་དགོས།ད་ནི་ཚུར་འོང་གི་གླེང་མོལ་རྣམས་ XenoType བོད་ཡིག་ཏུ་བཟོས་ཡོད་པ་རེད།
༼དཔར་རིས་༤༽ Formatting Fonts in iChat
ཨ་ཡེ་ཆེ་ཊ་ཡི་ནང་དུ་བོད་ཡིག་ XML ཅན་གྱི་ཐེབ་གཞོང་གང་ཡིན་མཐེབ་གཞོང་ཡིག་སྣོད་དུ་བསྣན་ཚེ་ལས་ཀ་བྱེད་ཀྱི་རེད།མཐེབ་གཞོང་གི་ཐབས་ལམ་ཁ་ཤས་ཏེ་ཝེལི་ Extended Wylie དང་བཅས་པ་རིན་པ་སྤྲོད་མི་དགོས་པར་དྲ་ཤོག་ནས་ལེན་ཆོག་ཆོག་ཡོད་རེད།
ཨ་ཡེ་ཆེ་ཊ་ནི་ AIM གྱི་ལས་རིམ་ཆ་ཤས་ཤིག་རེད།ལས་རིམ་གཞན་དང་མཉམ་དུ་ལས་ཀ་མི་བྱེད་པ་ཡོང་སྲིད།ཡིན་ན་ཡང་ཁྱེད་རང་གིས་དུས་ཚོད་ཏོག་ཙམ་མང་བ་གཏོང་ཐུབ་ཚེ་ཨ་ཡེ་ཆེ་ཊ་ནི་ལས་རིམ་གཞན་དག་སྟེ་ MSN, Yahoo, Gadu-Gadu, ICQ, and IRC སོགས་དང་ལྷན་ལས་ཀ་བྱེད་ཐུབ་པར་བཟོ་བཅོས་བརྒྱབ་ཆོགགཤམ་གྱི་གསལ་བཤད་ཅན་གྱི་དྲ་ཤོག་འདི་བརྒྱུད་ནས། tutorial on the web , ཁྱེད་རང་གིས་ཐོག་མར་གླེང་མོལ་ཁ་བྱང་ཇེབ་བེར་ Jabber account ཞིག་བཟོས་ཏེ།དེ་ནས་ལས་རིམ་གཞན་ཞིག་ལ་”དབོར་འདྲེན་”བཟོ་ཆོགཉེ་དུས་ཀྱི་ཨ་ཡེ་ཆེ་ཊ་ཡི་ངོ་བཤུས་ཚོས་གླེང་མོལ་ལས་རིམ་བདག་མེད་ཚོ་དང་མཉམ་ལས་བྱེད་ཐུབ་ཙང་།ལས་རིམ་རིམ་པ་གཉིས་པ་གང་འདྲ་ཞིག་ཡིན་རུང་ཇེབ་བེར་བརྒྱུད་ནས་ཨ་ཡེ་ཆེ་ཊ་ཡི་ནང་དུ་ལེན་ཆོག (QQ ནས་ཇེབ་བེར་ལ་དབོར་འདྲེན་བྱེད་པ་ད་ལྟ་ཡོད་ཚོད་མི་འདུག).
༼དཔར་རིས་༥༽ Tibetan Unicode looks nice in iChat
ལིན་ནེག་སེ།
ལིན་ནེག་སེ་ཡི་ནང་པིཌ་གིན་བེད་སྤྱོད་བྱས་ན་ཡག་ཤོས་རེད། (འཕྲལ་འཕྲལ་གླེང་མོལ་བྱེད་ཐབས་ཀྱི་ལས་རིམ་ཞིག་སྟེ་སྔ་མོའི་མིང་ལ་ GAIM ཟེར།). པེ་ཌ་གིན་ལས་རིམ་ཡོངས་ཀྱི་མཛོད་ལྟ་བུ་ཞིག་སྟེ། AIM, MSN, Yahoo, Jabber, QQ Chat, སོགས་དང་མཉམ་ལས་བྱེད་ཐུབ།ཝིན་ཌོ་སེ་དང་མེཀ་ཡི་ལས་རིམ་ལ་བསམ་ཚུལ་བཏོན་པ་ཇི་བཞིན།ཁྱེད་རང་དགོས་མཁོའི་ཐོ་དེབ་ Preferences རེའུ་མིག་ཏུ་སོང་ནས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་དང་ཡིག་གཟུགས་ཆེ་ཆུང་རན་ཙམ་འདམས་དགོས།
གླེང་མོལ་ Conversations ཞེས་པའི་ཁ་བྱང་འོགཁྱེད་ཀྱིས་ཡིག་གཟུགས་དང་ཆེ་ཆུང་འདམས་ཆེད་ནོན་དགོས་པའི་རྟགས་རིས་མཐོང་ཐུབ།ཟུར་གསལ་དཔེ་མཚོན་འདིའི་ནང་ང་ཚོས་ཇོ་མོ་གླང་མ་ཞེས་པའི་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་༼འདི་ནི་དྲ་ཤོག་ལས་ཕབ་བཤུས་བྱས་ཏེ་ང་ཚོའི་ལིན་ནེག་སེ་སྡེ་ཚན་ཞིག་ཏུ་ཡར་འཇུག་བྱས་ཡོད།༽འདམས་ཡོད།ང་ཚོས་ཨེ་སྣོན་རྟགས་ A+ འདི་ཐེངས་ཁ་ཤས་ལ་མནན་ནས་ཡིག་གཟུགས་ཆེ་རུ་བཏང་ཡོད།ཁྱེད་རང་གིས་ད་དུང་འདེམ་ཁའི་ཁྲོད་ཀྱི་ “Show formatting on incoming messages.” ཞེས་པའི་གྲུ་བཞིའི་ནང་འགྲིག་རྟགས་མེད་པ་བཟོ་རྒྱུ་གལ་ཆེན་པོ་རེད།སྟབས་མི་ལེགས་པ་ཞིག་ལ་ང་ཚོའི་པེ་ཌ་གིན་དང་གའིམ་༦་ GAIM beta 6 ལ་ཚོད་ལྟ་བྱས་སྐབས།འདམ་ཁ་འདིའི་ནང་འགྲིག་རྟགས་མ་བརྒྱབ་པ་ཡིན་ན་ཡང་།བོད་ཡིག་གི་ཡིག་གཟུགས་བཅོས་པ་རྣམས་ཚུར་འོང་གི་གླེང་མོལ་ཐོག་ཏག་ཏག་མི་སྡོད།དེ་ཚུར་འོང་གི་གླེང་མོལ་རྣམས་ཀློག་དཀའ་བ་ཞིག་བཟོ་གིན་འདུགརི་མོ་ཨང་བདུན་པའི་ནང་གི་ཡིག་གཟུགས་ཆུང་ཆུང་དེར་གཟིགས་དང་།ངའི་རེ་བ་ལ་པི་ཌ་གིན་གྱི་ངོ་བཤུས་གསར་པའི་ནང་བཟོ་ཐུབ་ཡོང་བསམས།
༼དཔར་རིས་༦༽ Configuring Pidgin
ཝིན་ཌོ་སེ་ཨེཀ་སེ་ X Windows ཡི་མཐེབ་གཞོང་གང་ཞིག་ཡིན་རུང་དེ་བཞིན་ SCIM ཡི་ཚོགས་ལ་བརྟེན་པའི་མཐེབ་གཞོང་གང་ཡིན་རུང་།གའེམ་མཉམ་ལས་ཀ་ཏག་ཏག་བྱེད་ཐུབ་ཀྱི་རེད།༼SCIM ཡིས་ KMFL addon དང་མཉམ་ལས་བྱེད་ལ་དེས་ཀེ་མན་ Keyman གྱི་གཞུང་ཡིག་དཔེར་ན་ཝེ་ལི་ལྟ་བུ་ནང་འདྲེན་བྱེད་ཐུབ།༽གལ་སྲིད་ཁྱེད་རང་གིས་དེང་དུས་ཀྱི་ལིན་ནེག་སེ་ཐོན་གསར་ཞིག་ཐོག་ལས་ཀ་བྱེད་ཀྱི་ཡོད་ན།ཤོག་ངོས་ཇུས་འགོད་ཀྱིས་བོད་ཡིག་གི་རྩེག་ཡིག་དང་ཚེག་མཚམས་གཅོད་སྟངས་ཏག་ཏག་ཡོང་གི་རེད།འདིར་ང་ཚོས་ Xubuntu Feisty ཐོན་ཐེངས་དེ་བཀོལ་ཡོད།
༼དཔར་རིས་༧༽ A Tibetan Unicode chat
རྒྱ་ཆེར་ཀློག་ན།
འཕྲལ་འཕྲལ་གླེང་མོལ་བྱེད་སྟངས་སྐོར་ལ་འགྲེལ་བཤད་ཡག་པོ་ཞིག་གཤམ་གསལ་གྱི་དྲ་ཤོག་ཐོག་འདུག http://en.wikipedia.org/wiki/Instant_messaging
Notes
Provided for unrestricted use by the Tibetan and Himalayan Library